དེབ་འདི་ནི་གཟིགས་དཔྱད་ཀྱི་རིན་ཐང་ངེས་ཅན་ལྡན་པའི་ཐང་སྐུའི་མཛེས་རིས་ཕྱོགས་བསྒྲིགས་ཤིག་ཡིན། ཐང་ག་ནི་འོད་སྟོང་འབར་བའི་རིག་གནས་སྒྱུ་རྩལ་གལ་ཆེན་ཞིག་ཡིན་ཞིང་། དེར་བརྗོད་བྱ་ཕུན་སུམ་ཚོགས་པ་དང་། བཟོ་རྩལ་ཕུལ་དུ་བྱུང་བ། རྣམ་པ་མཛེས་སྡུག་ལྡན་པ་སོགས་ཀྱི་ཁྱད་ཆོས་དང་ལྡན། མདོ་སྨད་ཡུལ་གྱི་བྱང་ཉི་མ་བླ་བྲང་གི་ཐང་གར་ཐུན་མོང་མ་ཡིན་པའི་གནའ་དེང་གི་ཐང་གའི་བཟོ་རྩལ་གྱི་ལེགས་ཆ་གཅིག་ཏུ་འདུས་ཡོད་པས། དེབ་འདིར་བླ་བྲང་ཐང་གའི་སྒྱུ་རྩལ་གྱི་རྨང་གཞིའི་ཤེས་བྱ་དང་། རྒྱུན་མཐོང་གི་བརྗོད་གཞི། འབྲི་སྟངས་ཀྱི་ཁྱད་ཆོས། དེ་བཞིན་ཉར་ཚགས་ཀྱི་རིན་ཐང་སོགས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད། དེབ་འདིར་མཛེས་སྡུག་ལྡན་པའི་པར་རིས་ཀྱི་ལམ་ནས་ཐང་ཁའི་བརྩམས་ཆོས་མང་པོར་འགྲེལ་བཤད་བྱས་ཡོད་པས། ཀློག་པ་པོ་རྣམས་ཀྱིས་ཚོན་མདངས་རྣམ་པར་བཀྲ་བའི་བླ་བྲང་ཐང་གའི་སྒྱུ་རྩལ་ལ་མྱོང་རོལ་བྱེད་ཐུབ་པར་མ་ཟད། བླ་བྲང་ས་ཆའི་ཐང་གའི་རིག་གནས་ལ་ཡང་རྒྱུས་ལོན་རགས་ཙམ་བྱ་ཐུབ།
