དཔེ་ཆ་འདི་ནི་བོད་ཀྱི་སྲོལ་རྒྱུན་ལྷ་རིས་ཐིག་རྩལ་སྐོར་གྱི་ཀློག་དེབ་ཅིག་ཡིན་ལ། དེབ་འདིར་གཙོ་བོ་བོད་ཀྱི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་ཁྲོད་རྒྱུན་དུ་སྤྱོད་པའི་ཐིག་རིས་ཕྲ་རག་གཉིས་ཀྱི་སྤྱོད་ཡུལ་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད། དེབ་འདིར་ཐིག་རིས་རགས་མོ་ནི་གཙོ་བོ་བྲི་བྱའི་འདྲ་སྐུ་ཡི་ཕྱིའི་སྐྱ་ཐིག་དང་མགོ་དང་ཡན་ལག་སོགས་ཆ་ལག་ཁ་ཤས་འབྲི་བར་སྤྱོད་ལ། ཐིག་རིས་ཕྲ་མོ་ནི་གཙོ་བོ་བྲི་བྱའི་འདྲ་སྐུ་ཡི་ཞིབ་ཕྲའི་ཁྱད་གཤིས་ཏེ། འདྲ་སྐུའི་མིག་སྣ་སོགས་དབང་བོ་དང་ན་བཟའ་སོགས་ཕྱིའི་ཁྱད་ཆོས་འབྲི་བར་སྤྱོད་ཀྱིན་ཡོད་པར་གསུངས་ལ། ཞིབ་ཏུ་ཐིག་རྩ་རིག་པ་སྤྱད་དེ་ལྷ་རིས་འབྲི་སྐབས་གཟབ་དགོས་པའི་ཆ་སྟེ། ཐིག་རིས་ཀྱི་དམ་ལྷོད་དང་མཛེས་ཆ། དེ་བཞིན་ཆ་ལག་མི་འདྲ་བའི་བར་གྱི་ཐིག་རིས་ཀྱི་འབྲེལ་མཚམས་སོགས་ནད་འགག་གི་སྐོར་བཀོད་ཡོད་པར་མ་ཟད། བྲི་བྱའི་རི་མོ་དེ་གསལ་བོ་ཡིན་པ་དང་། ལངས་གཟུགས་སུ་མངོན་པ། གསོན་ཉམས་ལྡན་པ་བཅས་ཡོང་བར་འབད་དགོས་པའི་བླང་བྱ་ཡང་བཏོན། མདོར་ན། དེབ་འདི་བརྒྱུད་དེ་ལྷ་རིས་སྒྱུ་རྩལ་གྱི་མཛེས་པ་དང་རིན་ཐང་ཚོར་ཐུབ་བོ།།
