甘肃民族出版社门户网站的标识(藏文)

རིག་གནས་སྒྱུ་རྩལ།
སྨན་བླ་སྐྱབས་ཀྱི་བྲིས་རྩོམ་གཅེས་བཏུས་དེབ་ཕྲེང་།
དུས་ཚོད། 2025-08-12
བཀླགས་གྲངས། 39
ཐོ་བཤིགས།

《སྨན་བླ་སྐྱབས་ཀྱི་བྲིས་རྩོམ་གཅེས་བཏུས་དེབ་ཕྲེང》ཞེས་པའི་དཔེ་ཚོགས་འདིའི་ནང་དུ། 《སྙན་ངག་འདམ་སྒྲུག་མ》ཞེས་པ་དང་། 《ལྷུག་རྩོམ་འདམ་སྒྲུག་མ》ཞེས་པ་དང་། 《གཞས་ཚིག་འདམ་སྒྲུག་མ》ཞེས་པ་དང་། 《འཁྲབ་གཞུང་འདམ་སྒྲུག་མ》ཞེས་པ་དང་། 《ཁ་ཤགས་འདམ་སྒྲུག་མ》ཞེས་པ་དང་། 《གར་ཆུང་འདམ་སྒྲུག་མ》ཞེས་པ་བཅས་བསྡོམས་པས་པོད་དྲུག་བསྡུས་ཡོད། དེབ་འདི་དག་ནི་རྒན་ཁོང་གི་ལོ་ཟླའི་བརྒྱུད་རིམ་རིང་པོ་ཞིག་གི་ནང་བསགས་པ་དང་ཐོས་པའི་བང་མཛོད་དང་། བསམ་པའི་ཉིང་བཅུད་ཀྱི་བརྩམས་ཆོས་རིན་ཐང་ཅན་མང་པོ་ཞིག་ཡོད་པ་རྣམས་ལས་འོ་མའི་ནང་གི་མར་དཀར་ལྟ་བུ་དག་ལེགས་སྒྲིག་དང་གཅེས་བཏུས་བྱས་པ་ཞིག་ཡིན་ཞིང་། མཛངས་ལ་བློ་འགྱུ་བའི་གསུང་དང་། དཔའ་ལ་བསྲན་ཚུགས་པའི་གཏམ་དང་། ལོ་རྒྱུས་ཀྱི་དགེ་ཐོན་པའི་ཚིག་སོགས་མདོར་ན་ངོ་མཚར་གྱི་མེ་ཏོག་འཐོར་འོས་པའི་བརྩམས་ཆོས་ཤ་སྟག་ཡིན་ཙ་ན། ཁོང་གི་དེབ་ཕྲེང་འདིས་ཀློག་པ་པོ་རྣམས་ལ་ཐུགས་ཕན་སོས་པ་ཞིག་ཡོང་བའི་ཡིད་ཆེས་ཡོད།

སྨན་བླ་སྐྱབས་ཀྱི་བྲིས་རྩོམ་གཅེས་བཏུས་དེབ་ཕྲེང་། 文化艺术类11.jpg