དཔེ་ཆ་འདི་ནི་ལས་རིགས་སློབ་གྲྭ་ཁག་གི་རྩེད་རིགས་སློབ་ཁྲིད་ལ་དམིགས་ནས་རྩོམ་སྒྲིག་བྱས་པའི་བོད་ཀྱི་དམངས་ཁྲོད་བྲོ་གཞས་ཀྱི་སློབ་དེབ་ཅིག་ཡིན། འདིའི་ནང་དུ་གཙོ་བོ་བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་སྒྱུ་རྩལ་གྱི་ཁྱད་ཆོས་དང་སྦྲགས་ནས། ཡུལ་ཤུལ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་གླུ་གཞས་ཞབས་བྲོའི་བརྩམས་ཆོས་མང་པོ་ཞིག་བཀོད་ཡོད། དེབ་འདི་ཉིད་སློབ་གྲྭའི་ཞབས་བྲོའི་སློབ་ཁྲིད་དང་སློབ་གསེང་བྱེད་སྒོའི་ཁྲོད་དུ་སྤྱད་ན། སློབ་མ་རྣམས་གྱིས་བོད་རང་གི་སྲོལ་རྒྱུན་གྱི་ཨར་ཀ་རྡུང་བའི་བྲོ་གཞས། སྟོན་འབྲས་བསྡུ་བའི་བྲོ་གཞས། སྐོར་བྲོ་སོགས་དམངས་ཁྲོད་བྲོ་གཞས་ཀྱི་འཁྲབ་སྟོན་རྣམ་པ་དང་། གཞི་རྩའི་ཤེས་བྱ། ཁྱད་ཆོས། འཕེལ་རྒྱས་གནས་ཚུལ་སོགས་ལ་རྒྱུས་ལོན་བྱ་ཐུབ་པར་མ་ཟད། བོད་ཀྱི་དམངས་ཁྲོད་བྲོ་གཞས་ཀྱི་རིན་ཐང་དང་དོན་སྙིང་ཡང་རགས་ཙམ་ཚོར་ཐུབ།
