དེབ་འདིར་བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་ཀྱི་རྒྱན་རིས་སྣ་ཚོགས་ཤིག་བཀོད་ཡོད། དེབ་ཧྲིལ་བོར་ཁྱོན་བསྡོམས་རྒྱན་རིས་སུམ་སྟོང་ལྷག་བསྡུ་སྒྲིག་བྱས་ཡོད་ལ། གཞུང་དངོས་ནི་གཙོ་བོ་སྒོ་ཆེན་གྱི་རྒྱན་རིས་དང་། གནམ་གཅལ་གྱི་རྒྱན་རིས། གྱང་ངོས་ཀྱི་རྒྱན་རིས། ཀ་གདུང་གི་རྒྱན་རིས། གཅན་གཟན་དང་རི་དྭགས་ཀྱི་རྒྱན་རིས། འདབ་ཆགས་ཀྱི་རྒྱན་རིས། རྩི་ཤིང་དང་མེ་ཏོག་གི་རྒྱན་རིས། ཡོ་བྱད་ཀྱི་རྒྱན་རིས། ཤིང་བརྐོས་ཀྱི་རྒྱན་རིས། རྡོ་བརྐོས་ཀྱི་རྒྱན་རིས་སོགས་ཁག་དུ་མས་གྲུབ་ཡོད་ལ། ཞིབ་ཏུ་རྒྱན་རིས་ཀྱི་མཚོན་དོན་དང་བཟོ་སྐྲུན་ཁྲོད་ཀྱི་སྤྱོད་ཡུལ། མཚོན་ཐབས་སོགས་ངོ་སྤྲོད་རགས་ཙམ་བྱས་ཏེ། བོད་རང་གི་སྲོལ་རྒྱུན་བཟོ་བཀོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡང་སྙིང་མཚོན་པར་བྱས་ཡོད། མདོར་ན། དེབ་འདི་ལས་བོད་རང་གི་སྣ་མང་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རྒྱན་རིས་ཀྱི་རི་མོའི་སྒྱུ་རྩལ་དང་མཛེས་ཉམས་ལ་མྱོང་རོལ་བྱ་ཐུབ།
