甘肃民族出版社门户网站的标识(藏文)

གནའ་རབས་ཡིག་ཚངས།
ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས།
དུས་ཚོད། 2025-06-12
བཀླགས་གྲངས། 36
ཐོ་བཤིགས།

 དེབ་ཕྲེང་འདི་ནི་ཏུན་ཧོང་ཞིབ་འཇུག་ཁང་གིས་ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་རྣམས་འཚོལ་སྡུད་དང་དག་སྒྲིག  པར་སློག་སོགས་ཀྱི་ལས་ཀ་རིམ་པར་བསྒྲུབས་པར《ཀན་སུའུ་ཞིང་ཆེན་དུ་ཉར་བའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་དཀར་ཆག》དང《ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང》ཞེས་པའི་ཡིག་ཆའི་དཀར་ཆག་དང་མ་ཕྱིའི་པར་སློག་དཔེ་ཚོགས་སྔ་གཞུག་ཏུ་དཔར་བསྐྲུན་བྱས་ཏེ། ཏུན་ཧོང་རིག་པ་དང་བོད་རིག་པའི་ཞིབ་འཇུག་ཐད་ལ་མཐུན་རྐྱེན་གང་ནུས་བསྐྲུན། ཡིན་ནའང་། ཏུན་ཧོང་ཡིག་ཆའི་མ་ཕྱི་པར་སློག་དཔར་དུ་བསྐྲུན་པ་ཙམ་གྱིས་ཞིབ་འཇུག་པ་རྣམས་ཀྱི་དགོས་མཁོ་ཡོངས་སུ་སྐོང་མི་ནུས་པར་མ་ཟད། བཀོལ་སྤྱོད་ཀྱི་ཆ་ནས་ཀྱང་དེ་འདྲའི་སྟབས་བདེ་པོ་ཞིག་མ་ཡིན། ཡིག་རྙིང་འདི་དག་གི་ནང་དོན་ཇི་བཞིན་ཞལ་བཤུས་གནང་སྟེ་པར་དུ་བསྐྲུན་ན་དགོས་པ་ཆེན་པོ་ལྡན་པར་དམིགས་ཏེ། སྤྱི་ལོ༢༠༡༤ལོ་ནས་བཟུང་ང་ཚོའི་ཏུན་ཧོང་ཞིབ་འཇུག་གླིང་དང་ཀན་སུའུ་ཞིང་ཆེན་དཔེ་མཛོད་ཁང་། ཏུན་ཧོང་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་བཅས་སུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་རྣམས་ཞལ་བཤུས་བརྒྱབ་ནས་དག་སྒྲིག་བྱེད་པའི་ལས་སུ་ཞུགས་ཤིང་། ད་ལོར་རྒྱ་ཆེ་བའི་ལས་གཞི་འདིའི་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། 《ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས》ཞེས་པའི་པོད་སུམ་བཅུའི་བདག་ཉིད་དུ་གྲུབ་པའི་དཔེ་ཚོགས་འདི་ཉིད་བདེ་བླག་ངང་པར་བསྐྲུན་བྱས་པ་ལགས། 

ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས།  古籍文献.jpg