དེབ་འདི་ནི་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་དོན་རྐྱེན་དང་ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ས་མིང་དོགས་དཔྱོད་བརྗོད་བྱ་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་སྟེ། དེ་ལ་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ཙོང་ཀ་ཆེ་ཆུང་སྐོར་གྱི་དོགས་དཔྱོད། དམག་དོན་འཐབ་ཇུས་ཁྲོད་ཀྱི་མཁར་རྫོང་གི་ནུས་པ། ངམ་སྟག་ར་ཀླུ་གོང་དང་བློན་ཚོགས་བར་གྱི་འཐབ་རྩོད། རྒྱལ་པོ་མུ་ཏིག་བཙན་པོའི་ཞིབ་འཇུག ལྷ་སྲས་གཙང་མའི་ལོ་རྒྱུས་ཀྱི་གནད་དོན་འགའ་ལ་བརྟག་པ། གཞན་གྱི་གཡོ་འོག་ཏུ་ཚུད་པའི་བཙན་པོ་མཐའ་མ། རི་མོ་ལས་མངོན་པའི་ཆབ་སྲིད་ལམ་ཕྱོགས། ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་འགའ་ཞིག་གླེང་བ། སྟོད་མངའ་རིས་སྐོར་གསུམ་གྱི་རྒྱལ་བོ་ཐོག་མ་སྐྱིད་ལྡེ་ཉི་མ་མགོན་གྱི་ལོ་རྒྱུས་ཞིབ་འཇུག་སོགས་འདུའོ། །
