甘肃民族出版社门户网站的标识(藏文)

རིག་གཞུང་གསུང་རབ།
ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།
དུས་ཚོད། 2025-06-12
བཀླགས་གྲངས། 33
ཐོ་བཤིགས།

དེབ་བདུན་གྱི་བདག་ཉིད་དུ་གྱུར་པའི་ཅེ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་འདི་ནི། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་རྡོ་རྗེ་རིན་ཆེན་གྱིས་བསྒྲིགས་པ་ཞིག་ཡིན། པོད་དང་པོར་རྗེ་ཙོང་ཁ་བའི་བསྟོད་ཆེན་བཞིས་མཚོན་པའི་སྙན་ངག་ཆེན་པོ་འགའི་ཚིག་འགྲེལ་དང་། རྩོམ་པ་པོ་ཁོང་གིས་ཚིགས་བཅད་ཀྱི་ལུས་སུ་བརྩམས་པའི་ཕྱག་རྩོམ་འགའ་བཅས་གསུང་ཐོར་བུའི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་ཡོད། གཞན་པའི་པོད་དྲུག་པོར་རྣམ་ཐར་དང་ཆོ་ག་ཕྱག་ལེན་སྐོར་གྱི་འགྲེལ་བ། ད་དུང་ཚད་མ་དང་དབུ་མའི་གཞུང་ལུགས་སྐོར་གྱི་འགྲེལ་བ། ལམ་རིམ་བློ་སྦྱོང་དང་བསླབ་བྱའི་སྐོར་གྱི་གསུང་གལ་ཆེན། བསྟོད་རྩོམ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་བརྗོད་བྱ་བྱས་ཏེ་བརྩམས་གནང་གྲུབ་པ་ཞིག་རེད།

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། 学术经典类.jpg