གསུང་འབུམ་འདི་ནི་གཡེར་གཤོང་ནོམ་ཆུ་མཁན་པོ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའི་བཀའ་རྩོམ་འཚོལ་སྡུད་བགྱིས་ཏེ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན་ལ། འདིར་བྱང་ཆུབ་ལམ་གྱི་རིམ་པ་བསྡུས་པའི་ཁྲིད་ཀྱི་ས་བཅད་དང་སྙན་བརྒྱུད་ཀྱི་གདམས་པ་སེམས་སྦྱོང་རིན་ཆེན་དབང་གི་རྒྱལ་བོ་སོགས་གསུང་རྩ་ཆེན་ཁག་གིས་མཚོན། ལུགས་གཉིས་བླང་དོར་སྟོན་པའི་བསླབ་བྱ་སྣ་ཚོགས་བཅས་བརྗོད་བྱ་བྱས་ཏེ་བཅད་ལྷུག་སྤེལ་མའི་ལུས་སུ་སྤེལ་ཡོད་དོ། །
