甘肃民族出版社门户网站的标识(藏文)

རིག་གཞུང་གསུང་རབ།
ཁང་སར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་ཀྱི་བཀའ་སློབ་ཕྱོགས་སྒྲིག་བཞུགས་སོ། །
དུས་ཚོད། 2025-08-12
བཀླགས་གྲངས། 30
ཐོ་བཤིགས།

ཁང་སར་སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ནི་བསྟན་འགྲོར་སྨན་པའི་གསུང་རབ་གཅེས་ནོར་ཞིག་ཡིན་ཡང་། སྔོན་གྱི་ཤིང་པར་རྙིང་བ་རྣམས་ནི་དུས་ཀྱིས་ཡི་གེ་མི་གསལ་བ་དང་། ཕྱིས་སུ་བསྒྲིགས་པའི་པར་མར་ཡང་ཞུ་དག་དང་གོ་རིམ་སྒྲིག་སྟངས་སོགས་ཀྱི་ཐད་ལ་སྐྱོན་ཆ་མང་དུ་མཆིས་པས། ཐེངས་འདིར་ཁང་སར་སྐྱབས་མགོན་སྐུ་ཕྲེང་གསུམ་པའི་ཐུགས་བསྐྱེད་དང་མཐུན་རྐྱེན་འོག མ་དཔེ་གསར་རྙིང་དུ་མ་གཞིར་བཟུང་སྟེ་མཁས་དབང་དགེ་བཤེས་མང་པོས་ཐེངས་མང་ཞུ་དག་ནན་པོ་གནང་བ་དང་། གསུང་འབུམ་གྱི་ནང་དོན་རྣམས་ཀྱང་རྣམ་ཐར། གསུང་ཐོར་བུ། མདོ་ཕྱོགས། སྔགས་ཕྱོགས་བཅས་ཀྱི་གོ་རིམ་ལྟར་གསར་དུ་བསྒྲིགས་ཤིང་། ཀློག་པ་པོར་སྟབས་བདེ་བའི་ཆེད་དུ་དཀར་ཆག་ཞིབ་རྒྱས་དང་། ལྟ་ཀློག་བདེ་བའི་ཆེད་ཡིག་ཆུང་རིགས་ནག་པོར་བཟོས་པ་སོགས་ཀྱི་ཁྱད་ཆོས་དུ་མ་དང་ལྡན་པ་ཞིག་བསྐྲུན་ཡོད། མདོར་ན། པར་གཞི་གསར་པ་འདི་ནི་མ་དག་པའི་སྐྱོན་བསལ་ཞིང་། གོ་རིམ་ལྡན་ལ་ཀློག་བདེ་བ། ཞིབ་འཇུག་དང་ཉམས་ལེན་གཉིས་ཀར་མཁོ་བའི་དཔེ་དེབ་ཚད་ལྡན་ཞིག་ཡིན།

ཁང་སར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་ཀྱི་བཀའ་སློབ་ཕྱོགས་སྒྲིག་བཞུགས་སོ། །孔萨香根洛绒赤珠文集11.jpg