དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་བོའི་གསུང་འབུམ་འདི་ནི་ཨ་མཆོག་དགོན་པས་ཀུན་མཁྱེན་སྐུ་ཕྲེང་དྲུག་པ་ཆེན་པོར་དག་སྒྲིག་གི་འཆར་ཇུས་ཞུས་པར། ཀུན་མཁྱེན་ཚང་ཐུགས་དགྱེས་བཞིན་དུ་ཞལ་གྱིས་བཞེས་པ་མ་ཟད། བླ་བྲང་དགོན་པའི་དོ་དམ་ཁང་གིས་བརྩེ་གཟིགས་ཆེན་པོས་མ་ཡིག་མཁོ་འདོན་དང་འབྲེལ་ཡོད་བྱ་བར་ཐུགས་ཁུར་བླ་ལྷག་མཛད། གཞན་ཨ་མཆོག་དགོན་པ་དང་མཛོད་དགེ་དགའ་ལྡན་རབ་རྒྱས་གླིང་། དམེ་ཤུལ་ཐང་སར་སྒར་ཏེ་རྗེ་ཉིད་དང་ཆོས་འབྲེལ་དམ་པའི་དགོན་པ་འགར་དཔེ་རྒྱུན་བཙལ་ཡང་རྙེད་སོན་མ་བྱུང་བས་དཔེ་ཆ་མང་བོ་བསྡུར་བའི་སྐལ་བ་མ་བྱུང་ན་ཡང་། སྤྱི་ཞུས་དང་དམར་ཞུས། ཡང་ཞུས་བཅས་ཀྱི་གོ་རིམ་ཚགས་སུ་ཆུད་པར་མཛད་དེ་བསྒྲིགས་ཡོད།
