དེབ་ཕྲེང་འདི་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། 2015ལོའི་ཟླ5པར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྣེ་ཁྲིད་ནས་རིམ་གསུམ་ཡོན་གནས་བསླབ་གཞི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཏེ་རིམ་གསུམ་ཡོན་གནས་ལམ་ལུགས་ཀྱི་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་ཡིག་ཆ་འདེམ་སྒྲིག་བྱེད་འགོ་བརྩམས་ཤིང་། བླ་བྲང་བཀྲ་ཤིས་འཁྱིལ་དང་འབྲས་སྤུངས་དགོན། སེ་ར་དགོན། ས་སྐྱ་དགོན། གཙང་བ་དགོན། ཟུར་མང་དགོན། རྫོགས་ཆེན་དགོན། ཀླུ་ཕུག་དགོན་སོགས་ཀྱིས་ཞིབ་ཕྲའི་འདེམ་སྒྲིག་གི་འགན་བཞེས་པ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་འགན་ཁུར་ནས་པོད་བརྒྱ་དང་སོ་ལྔའི་བདག་ཉིད་དུ་གྲུབ་པའི་དཔེ་ཚོགས་ལས་ས་སྐྱ་པའི་ཡིག་ཆ་ལགས།
འདིར་འཇམ་དབྱངས་བློ་གཏེར་དབང་པོ་དང་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་མཛད་པའི《བློ་གཏེར་རྟགས་རིགས་དང་རྣམ་འགྲེལ་རྣམ་བཤད》 ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་མཛད་པའི《སྡེ་བདུན་རབ་གསལ》 ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་དང་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི《རིགས་གཏེར་གསལ་བྱེད་དང་དེའི་རྣམ་བཤད》 ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་དང་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་མཛད་པའི《རིགས་གཏེར་རང་འགྲེལ་དང་རྣམ་འགྲེལ་རྣམ་བཤད》 ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་དང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི《སྦས་དོན་ཟབ་མོ་དང་གྲུབ་མཐའ་ཀུན་ཤེས》 གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་མཛད་པའི《ཡུམ་དོན་རབ་གསལ་དང་སྦས་དོན་རབ་གསལ》 རོང་སྟོན་ཤཱཀྱ་རྒྱལ་མཚན་གྱིས་མཛད་པའི《ཚིག་དོན་རབ་གསལ་དང་རྒྱུད་བླ་མའི་རྣམ་བཤད》 རོང་སྟོན་ཤཱཀྱ་རྒྱལ་མཚན་དང་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་མཛད་པའི《འབྱེད་རྣམ་གཉིས་དང་ཕར་ཕྱིན་ཟུར་བཀོལ》 སྐྱེད་ཚལ་བ་ཀུན་དགའ་ཆོས་བཟང་གིས་མཛད་པའི《ཤེར་ཕྱིན་ལུང་རིགས་རྒྱ་མཚོ》 ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་མཛད་པའི《དབུ་མའི་རྩ་འཇུག་རྣམ་བཤད》 ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་དང་རྗེ་རེད་མདའ་བས་མཛད་པའི《དབུ་མའི་སྤྱི་དོན་དང་བཞི་བརྒྱ་པའི་རྣམ་བཤད》 མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི《མཛོད་འགྲེལ་མངོན་པའི་རྒྱན》གྱི་སྟོད་སྨད་གཉིས། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་དང་འཇམ་དབྱངས་བློ་གཏེར་དབང་པོས་མཛད་པའི《ཆོས་མངོན་པ་མཛོད་ཀྱི་མཆན་འགྲེལ་དང་ལྷན་ཐབས》 པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི《མཛོད་འགྲེལ་བྱེ་བྲག་བཤད་པའི་མཚོ་ཆེན》 གྱི་སྟོད་སྨད་གཉིས། རོང་སྟོན་ཤཱཀྱ་རྒྱལ་མཚན་གྱིས་མཛད་པའི《འདུལ་བ་མེ་ཏོག་ཕྲེང་རྒྱུད》 སྐྱེད་ཚལ་བ་ཀུན་དགའ་ཆོས་བཟང་དང་ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་མཛད་པའི《འདུལ་བ་ལུང་རིགས་གཏེར་མཛོད》 མཚོ་སྣ་བ་ཤེས་རབ་བཟང་པོས་མཛད་པའི《འདུལ་ཊཱིཀ་ཉི་མའི་འོད་ཟེར》གྱི་སྟོད་སྨད་གཉིས་སོགས་བཞུགས་སོ། །
