甘肃民族出版社门户网站的标识(藏文)

སློབ་གསོའི་དཔེ་ཁྲིད།
རྙིང་མ་པའི་ཡིག་ཆ།
དུས་ཚོད། 2025-08-12
བཀླགས་གྲངས། 79
ཐོ་བཤིགས།

 དེབ་ཕྲེང་འདི་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། 2015ལོའི་ཟླ5པར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྣེ་ཁྲིད་ནས་རིམ་གསུམ་ཡོན་གནས་བསླབ་གཞི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཏེ་རིམ་གསུམ་ཡོན་གནས་ལམ་ལུགས་ཀྱི་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་ཡིག་ཆ་འདེམ་སྒྲིག་བྱེད་འགོ་བརྩམས་ཤིང་། བླ་བྲང་བཀྲ་ཤིས་འཁྱིལ་དང་འབྲས་སྤུངས་དགོན། སེ་ར་དགོན། ས་སྐྱ་དགོན། གཙང་བ་དགོན། ཟུར་མང་དགོན། རྫོགས་ཆེན་དགོན། ཀླུ་ཕུག་དགོན་སོགས་ཀྱིས་ཞིབ་ཕྲའི་འདེམ་སྒྲིག་གི་འགན་བཞེས་པ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་འགན་ཁུར་ནས་པོད་བརྒྱ་དང་སོ་ལྔའི་བདག་ཉིད་དུ་གྲུབ་པའི་དཔེ་ཚོགས་ལས་རྙིང་མ་པའི་ཡིག་ཆ་ལགས། 

འདིར་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི《ཚད་མ་རིགས་གཏེར་དང་ཀུན་བཏུས་ཀྱི་འགྲེལ་བ》དང་། 《རྣམ་འགྲེལ་ལེགས་བཤད་སྣང་བའི་གཏེར》གྱི་སྟོད་སྨད་གཉིས། མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་དང་མཁན་ཆེན་པདྨ་བཛྲས་མཛད་པའི《ཤེར་ཕྱིན་མཆན་འགྲེལ་དང་སྤྱི་དོན》  དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི《ཤེར་ཕྱིན་སྤྱི་དོན་དང་འབྲུ་འགྲེལ》  བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་དང་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི《མི་ཕམ་ཞལ་ལུང་དང་སྡུད་འགྲེལ་རྒྱན་སྦྱར》  མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དང་སྨིན་གླིང་རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོས་མཛད་པའི《ཤེར་ཕྱིན་པུཎྜ་རི་ཀ་དང་བདུད་རྩིའི་ཉིང་ཁུ》  མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་དང་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི《དབུ་མ་ལ་འཇུག་པའི་འགྲེལ་བ》  མཁན་ཆེན་ཞི་བ་འཚོ་དང་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི《དབུ་མ་རྒྱན་རྩ་འགྲེལ》  མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི《ཤེས་རབ་ལེའུའི་རྣམ་བཤད》དང《ངེས་ཤེས་སྒྲོན་མེ་དང་ལྟ་གྲུབ་ཤན་འབྱེད》  མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་དང་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི《མངོན་པ་མཛོད་ཀྱི་མཆན་འགྲེལ》 མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བས་མཛད་པའི《མངོན་མཛོད་འགྲེལ་མཆན》 གྱི་སྟོད་སྨད་གཉིས། མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་དང་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི《ཀུན་བཏུས་མཆན་འགྲེལ་དང་མཁས་འཇུག》  མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བས་མཛད་པའི《འདུལ་བ་མདོ་དང་དགེ་ཚུལ་ཀཱ་རི་ཀའི་མཆན་འགྲེལ》 སྨིན་གླིང་ལོ་ཆེན་ཆོས་དཔལ་རྒྱ་མཚོ་སོགས་ཀྱིས་མཛད་པའི《སྡོམ་གསུམ་རྩ་འགྲེལ་དང་འདུལ་བའི་གླེང་གཞི》 ཐུབ་བསྟན་ཆོས་ཀྱི་གྲགས་པའི་མཛད་པའི《གཞིའི་སྤྱི་དོན་དང་སྤྱིར་བསྟན་འགྲེལ་བ》སོགས་བཞུགས་སོ། །

རྙིང་མ་པའི་ཡིག་ཆ།.jpg