དེབ་ཕྲེང་འདི་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། 2015ལོའི་ཟླ5པར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྣེ་ཁྲིད་ནས་རིམ་གསུམ་ཡོན་གནས་བསླབ་གཞི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཏེ་རིམ་གསུམ་ཡོན་གནས་ལམ་ལུགས་ཀྱི་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་ཡིག་ཆ་འདེམ་སྒྲིག་བྱེད་འགོ་བརྩམས་ཤིང་། བླ་བྲང་བཀྲ་ཤིས་འཁྱིལ་དང་འབྲས་སྤུངས་དགོན། སེ་ར་དགོན། ས་སྐྱ་དགོན། གཙང་བ་དགོན། ཟུར་མང་དགོན། རྫོགས་ཆེན་དགོན། ཀླུ་ཕུག་དགོན་སོགས་ཀྱིས་ཞིབ་ཕྲའི་འདེམ་སྒྲིག་གི་འགན་བཞེས་པ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་འགན་ཁུར་ནས་པོད་བརྒྱ་དང་སོ་ལྔའི་བདག་ཉིད་དུ་གྲུབ་པའི་དཔེ་ཚོགས་ལས་གཡུང་དྲུང་བོན་གྱི་ཡིག་ཆ་ལགས།
འདིར་ཀུན་མཁྱེན་ཉི་མ་བསྟན་འཛིན་སོགས་ཀྱིས་མཛད་པའི《བསྡུས་གྲྭ་དང་རྟགས་རིགས》དང་རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《ཚད་མའི་གཞུང་དང་འགྲེལ་བ》 སྟོན་པ་གཤེན་རབ་མི་བོ་ཆེ་སོགས་ཀྱིས་མཛད་པའི《གྲུབ་མཐའ》 རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《ས་ལམ་གཞུང་དང་འགྲེལ་བ》 རྨེའུ་སྟོན་མཁས་པ་ཚུལ་ཁྲིམས་དཔལ་ཆེན་གྱིས་མཛད་པའི《ཁམས་ཆེན་པོ་བརྒྱད་ཀྱི་ཊཱིཀྐ》ཡི་སྟོད་སྨད་གཉིས། རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི《ཁམས་བརྒྱད་སྡུད་པའི་འགྲེལ་བ》 ཀུན་མཁྱེན་ཉི་མ་བསྟན་འཛིན་སོགས་ཀྱིས་མཛད་པའི《ཤེར་ཕྱིན་སྐབས་བརྒྱད་ཀྱི་རྣམ་བཤད》 ཀྱི་སྟོད་ཆ། ཡོངས་འཛིན་རྣམ་དག་འོད་ཟེར་གྱིས་མཛད་པའི《ཤེར་ཕྱིན་སྐབས་བརྒྱད་ཀྱི་རྣམ་བཤད》 རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་སོགས་ཀྱིས་མཛད་པའི《དབུ་མ་བདེན་གཉིས་ཀྱི་གཞུང་དང་འགྲེལ་བ》 སྟོན་པ་གཤེན་རབ་མི་བོ་ཆེ་དང་བླ་ཆེན་དྲན་པ་ནམ་མཁས་མཛད་པའི《མཛོད་རྩ་དང་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག》 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་དང་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《ཀུན་བཏུས་དང་འགྲོ་མགོན་མཛོད་འགྲེལ》 རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་གཉོས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི《སྣོད་བཅུད་གཞུང་དང་མཛོད་འགྲེལ་འཕྲུལ་སྒྲོན》 རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་སོགས་ཀྱིས་མཛད་པའི《འདུལ་བའི་གཞུང་དང་འགྲེལ་བ》སོགས་བཞུགས་སོ། །
