དེབ་ཕྲེང་འདི་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། 2015ལོའི་ཟླ5པར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྣེ་ཁྲིད་ནས་རིམ་གསུམ་ཡོན་གནས་བསླབ་གཞི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཏེ་རིམ་གསུམ་ཡོན་གནས་ལམ་ལུགས་ཀྱི་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་ཡིག་ཆ་འདེམ་སྒྲིག་བྱེད་འགོ་བརྩམས་ཤིང་། བླ་བྲང་བཀྲ་ཤིས་འཁྱིལ་དང་འབྲས་སྤུངས་དགོན། སེ་ར་དགོན། ས་སྐྱ་དགོན། གཙང་བ་དགོན། ཟུར་མང་དགོན། རྫོགས་ཆེན་དགོན། ཀླུ་ཕུག་དགོན་སོགས་ཀྱིས་ཞིབ་ཕྲའི་འདེམ་སྒྲིག་གི་འགན་བཞེས་པ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་འགན་ཁུར་ནས་པོད་བརྒྱ་དང་སོ་ལྔའི་བདག་ཉིད་དུ་གྲུབ་པའི་དཔེ་ཚོགས་ལས་ཇོ་ནང་པའི་ཡིག་ཆ་ལགས།
འདིར་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི《བསྡུས་གྲྭའི་སྤྱི་དོན》དང《བསྡུས་གྲྭའི་ཟུར་དཔྱད》 ངག་དབང་ཚོགས་གཉིས་རྒྱ་མཚོས་མཛད་པའི《རྟག་རིགས་ནོར་བུའི་སྒྲོན་མེ》ཡི་སྟོད་སྨད་གཉིས། མཚལ་མིན་པ་བསོད་ནམས་བཟང་པོ་དང་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི《རྣམ་འགྲེལ་རིན་ཆེན་འཕྲེང་བ》 ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་སོགས་ཀྱིས་མཛད་པའི《ཕར་ཕྱིན་མདོ་ལུགས་མ》 ཆོས་རྗེ་ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའི《ཕར་ཕྱིན་ཉ་ཊཱིཀ》སྟོད་སྨད་གཉིས། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དང་རབ་འབྱམས་པ་བློ་བཟང་མཆོག་གྲུབ་རྒྱ་མཚོས་མཛད་པའི《རྒྱན་འབུམ་དང་སྦྱར་བའི་འགྲེལ་བ》 ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི《རི་ཆོས་ངེས་དོན་རྒྱ་མཚོ》 ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་སོགས་ཀྱིས་མཛད་པའི《རྒྱུད་བླའི་འགྲེལ་བ་ཉི་མའི་འོད་ཟེར》 རྗེ་བཙུན་ཏཱ་ར་ནཱ་ཐ་དང་མཁས་དབང་ཡེ་ཤེས་རྒྱ་མཚོས་མཛད་པའི《ཐེག་མཆོག་དབུ་མ》 ས་བཟང་མ་ཏི་པཎ་ཆེན་དང་མཚལ་མིན་པ་བསོད་ནམས་བཟང་པོས་མཛད་པའི《རྒྱུད་བླའི་འགྲེལ་བ་རབ་གསལ་སྣང་བ》 ངག་དབང་བློ་གྲོས་གྲགས་པས་མཛད་པའི《དབུ་མ་འཇིགས་མེད་གདོང་ལྔའི་ང་རོ》 རབ་འབྱམས་པ་བློ་བཟང་མཆོག་གྲུབ་རྒྱ་མཚོ་དང་ངག་དབང་ཚོགས་གཉིས་རྒྱ་མཚོས་མཛད་པའི《མཛོད་འགྲེལ་ཟླ་བའི་འོད་ཟེར》 མཚལ་མིན་པ་བསོད་ནམས་བཟང་པོ་དང་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི《འདུལ་བ་བདུད་རྩིའི་ཉིང་ཁུ》སོགས་བཞུགས་སོ། །
