甘肃民族出版社门户网站的标识(藏文)

སློབ་གསོའི་དཔེ་ཁྲིད།
པཎ་ཆེན་ཡིག་ཆ།
དུས་ཚོད། 2025-08-12
བཀླགས་གྲངས། 31
ཐོ་བཤིགས།

དེབ་ཕྲེང་འདི་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། 2015ལོའི་ཟླ5པར། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྣེ་ཁྲིད་ནས་རིམ་གསུམ་ཡོན་གནས་བསླབ་གཞི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཏེ་རིམ་གསུམ་ཡོན་གནས་ལམ་ལུགས་ཀྱི་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་ཡིག་ཆ་འདེམ་སྒྲིག་བྱེད་འགོ་བརྩམས་ཤིང་། བླ་བྲང་བཀྲ་ཤིས་འཁྱིལ་དང་འབྲས་སྤུངས་དགོན། སེ་ར་དགོན། ས་སྐྱ་དགོན། གཙང་བ་དགོན། ཟུར་མང་དགོན། རྫོགས་ཆེན་དགོན། ཀླུ་ཕུག་དགོན་སོགས་ཀྱིས་ཞིབ་ཕྲའི་འདེམ་སྒྲིག་གི་འགན་བཞེས་པ་དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་འགན་ཁུར་ནས་པོད་བརྒྱ་དང་སོ་ལྔའི་བདག་ཉིད་དུ་གྲུབ་པའི་དཔེ་ཚོགས་ལས་པཎ་ཆེན་ཡིག་ཆ་ལགས།

 འདིར་པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས་མཛད་པའི《རྣམ་འགྲེལ་དགོངས་པ་རབ་གསལ》གྱི་སྟོད་སྨད་གཉིས། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི《ཕར་ཕྱིན་ཡུམ་དོན་གསལ་བའི་སྒྲོན་མེ》དང《ཕར་ཕྱིན་ཡུམ་དོན་ཡང་གསལ་སྒྲོན་མེ》ཡི་སྟོད་སྨད་གཉིས། 《ཕར་ཕྱིན་རྩ་ཊཱིཀ་ཚིག་དོན་རབ་གསལ》 《དབུ་མའི་སྤྱི་དོན》 《པཎ་ཆེན་མཛོད》 《འདུལ་བའི་ལེགས་བཤད་ལུང་རིགས་ཉི་མ》སོགས་དང་། གཞན་ཡང་པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས་མཛད་པའི《ཕར་ཕྱིན་ཟུར་བཀོལ》  འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་མཛད་པའི《དབུ་མ་འཇུག་པའི་གཞུང་འབྲེལ་དང་སྤྱི་ཐལ》  དགེ་བཤེས་བློ་བཟང་ཚེ་རིང་དང་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱིས་མཛད་པའི《བློ་གླིང་སྡོམ་ཆེ་ཆུང》 སོགས་བཞུགས་སོ། །

པཎ་ཆེན་ཡིག་ཆ།.jpg