དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ། ཀློག་པ་པོའི་སྣེ་ཁྲིད་ནས་བར་སྣང་དུ་ཡུལ་སྐོར་བྱས་ཏེ། ཉི་མ་དང་ཟླ་བ། དེ་བཞིན་རྒྱུ་སྐར་གཞན་དག་དང་བརྟན་སྐར་བཅས་ཀྱི་གསང་བ་འཚོལ་ཞིབ་བྱ་ཐུབ། དེབ་ཧྲིལ་བོར་གནམ་གཟུགས་དེ་དག་གི་གྲུབ་ཆ་དང་ཚན་རིག་པས་དེ་དག་ལ་ཇི་ལྟར་ཞིབ་འཇུག་བྱས་པ་ངོ་སྤྲོད་བྱས་ཡོད་པ་དང་། རྒྱུན་དུ་མཐོང་བའི་ཉི་མའི་འཆར་ནུབ་དང་ཟླ་བའི་འགྱུར་ལྡོག་སོགས་རང་བྱུང་གི་སྣང་ཚུལ་མང་བོ་བརྗོད་ཡོད་པར་མ་ཟད། རྒྱུ་སྐར་སོ་སོའི་མིང་གི་བྱུང་བ་དང་། བར་སྣང་ཡུལ་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་དུ་བཏང་ཡོད། ཞོར་ནས་འཇིག་རྟེན་ཞིབ་འཇུག་དང་གསར་རྙེད་ཐད་ཀྱི་ཆེད་མཁས་པ་འགའ་ཡང་ངོ་སྤྲོད་བྱས་ཡོད། མདོར་ན། དེབ་འདི་ནི་ཀློག་པ་པོ་ཆུང་ཆུང་ཚོར་ཁ་གསལ་གོ་བདེའི་ལམ་ནས། འཇིག་རྟེན་འཁོར་སྐྱོད་སྐོར་གྱི་གཞི་རྩའི་ཤེས་བྱ་གསལ་སྟོན་བྱེད་པ་དང་། མིའི་རིགས་ཀྱིས་འཇིག་རྟེན་འཚོལ་ཞིབ་བྱེད་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་དང་། སའི་གོ་ལའི་འདས་མ་ད་གསུམ་གྱི་འབྲེལ་ཡོད་ཤེས་བྱ་ཞིབ་འགྲེལ་བྱེད་པའི་སློབ་ཕྱིའི་དཔེ་དེབ་ལེགས་ཤོས་ཤིག་ཡིན་ནོ། །
