དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ། དེབ་འདིར་གཙོ་བོར་ལག་ཤེས་ཐོན་དངོས་ཀྱི་རིགས་དང་། རི་མོའི་རིགས། འཇིམ་བརྐོས་ཀྱི་རིགས་སོགས་མིག་དབང་འཕྲོག་པའི་རིག་རྫས་སྒྱུ་རྩལ་དང་། ཡང་གླུ་དབྱངས་དང་ཟློས་གར་སོགས་འཁྲབ་སྟོན་སྒྱུ་རྩལ་མང་བོ་བཀོད་ཡོད་པས། འཛམ་གླིང་གི་ས་ཁུལ་སོ་སོའི་འཁྲབ་སྟོན་གྱི་རྣམ་པ་མི་འདྲ་བར་རྒྱུས་ལོན་བྱེད་པའི་ཞོར་དུ་གླུ་དབྱངས་དང་ཟློས་གར་གྱི་ཤེས་བྱ་ཡང་རགས་ཙམ་སྦྱོང་ཐུབ། མདོར་ན། ན་ཆུང་བྱིས་པ་ཚོས་དེབ་འདི་ཉིད་ཀློག་འདོན་བྱས་ན་ནི། ཉེ་འཁོར་གྱི་རྒྱུན་མཐོང་གི་སྒྱུ་རྩལ་རྣམ་པར་རྒྱུས་ལོན་བྱེད་པ་དང་སྒྱུ་རྩལ་ཐད་ཀྱི་ནུས་པ་གསོ་སྐྱོང་བྱེད་པར་ཕན་པའོ། །
