甘肃民族出版社门户网站的标识(藏文)

ན་ཆུང་ཀློག་དེབ།
ཡིད་དུ་འོང་བའི་བྱིས་སྒྲུང་དང་གཏམ་རྒྱུད།
དུས་ཚོད། 2025-08-12
བཀླགས་གྲངས། 37
ཐོ་བཤིགས།

དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ། དེབ་འདིར་གཙོ་བོར་འཛམ་གླིང་གི་ཡུལ་གྲུ་ཁག་གི་བྱིས་སྒྲུང་དང་དམངས་ཁྲོད་གཏམ་རྒྱུད། དེ་མིན་གཞན་ཁྱད་མཚར་ཅན་གྱི་གཏམ་རྒྱུད་སོགས་བཀོད་ཡོད་དེ། དཔེར་ན།《ལྷམ་བཟོ་དང་གདོན་འདྲེ》དང་། 《གོང་མའི་ན་བཟའ་གསར་བ》《རྒྱལ་སྲས་དང་དྭ་ཕྲུག》《བྱ་མོ་དམར་ཆུང》《ར་མ་གསུམ》《སྤྱང་གྲུང་ལྡན་པའི་སྦལ་བ》སོགས་ལྟ་བུའོ། །ན་ཆུང་བྱིས་པ་དག་གིས་བརྩེ་བ་དང་བློ་དཀར། བློ་རིག་དང་དྲང་བདེན་སོགས་བརྗོད་གཞིར་བྱས་ཤིང་། གནའ་རབས་གཏམ་རྒྱུད་མང་བོ་ཕྱོགས་གཅིག་ཏུ་བསྡུ་བསྒྲིགས་བྱས་པའི་སློབ་ཕྱིའི་དཔེ་དེབ་འདི་ཉིད་ཀློག་འདོན་བྱས་ན་ནི། ན་ཆུང་བྱིས་པ་དག་གི་རྒྱུད་ལ་བརྩེ་བ་དང་བློ་རིག དྲང་བདེན་སོགས་དཀར་ཕྱོགས་ཀྱི་ས་བོན་གདབ་པར་ཕན་པར་མ་ཟད།  ལྷག་པར་དུ་བོད་ཀྱི་ལོ་ཆུང་བྱིས་པའི་དཔེ་ཀློག་དང་སེམས་ཁམས་ཀྱི་ཁྱད་གཤིས་དང་ཡང་ཤིན་ཏུ་འཚམ་པས། འདི་ནི་བོད་ཀྱི་ན་ཆུང་བྱིས་པ་དག་ལ་མཚོན་ན། ཀློག་ཆོག་ཆོག་གི་སློབ་ཕྱིའི་དཔེ་དེབ་ཡག་པོ་ཞིག་ཡིན་ནོ། །

10-《美丽的童话和故事》ཡིད་དུ་འོང་བའི་བྱིས་སྒྲུང་དང་གཏམ་རྒྱུད།.jpg