甘肃民族出版社门户网站的标识(藏文)

ན་ཆུང་ཀློག་དེབ།
སྣང་ཚུལ་དེ་ནི་ཇི་ལྟར་བྱུང་།
དུས་ཚོད། 2025-08-12
བཀླགས་གྲངས། 28
ཐོ་བཤིགས།

དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ།  དེབ་འདིར་གཙོ་བོར་རང་ཅག་འཚོ་བའི་ཁྲོད་ཀྱི་དངོས་ལུགས་ཤེས་བྱ་མང་བོ་ཞིག་ངོ་སྤྲོད་བྱས་ཡོད། དེབ་ཧྲིལ་བོར་ན་ཆུང་བྱིས་པའི་ཀློག་འདོན་གྱི་ཁྱད་གཤིས་དང་བསྟུན་ཏེ། ཁ་གསལ་གོ་བདེའི་ལམ་ནས་འཕྲུལ་ཆས་ནི་ཅི་ཞིག་ལ་བརྟེན་ནས་འཁོར་སྐྱོད་བྱེད་པ་དང་།  དངོས་པོའི་འགུལ་སྐྱོད་ཀྱི་ཆོས་ཉིད་ག་འདྲ་ཡིན་པ།  ནུས་སྣང་ནི་ཅི་ལྟར་བྱུང་བ།  དྲོ་དང་གྲང་ནི་ཇི་ལྟར་བྱུང་བ། འོད་དཀར་པོ་ཇི་ལྟར་འོད་མདོག་སྣ་ཚོགས་སུ་དབྱེ་ཕྲལ་བྱེད་པ།  སྒྲ་ཇི་ལྟར་མཆེད་པ་སོགས་ངོ་སྤྲོད་བྱས་ཡོད།  མདོར་ན། དེབ་འདིར་ང་ཚོའི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་དངོས་ལུགས་སྣང་ཚུལ་དང་། སྣང་ཚུལ་དེ་དག་གི་རྒྱབ་ལོགས་ཀྱི་གསང་བ་སྔོག་འདོན་བྱས་ཡོད་པར་མ་ཟད། བརྗོད་བྱའི་ཁྱད་མཚར་རང་བཞིན་དང་ལག་ལེན་རང་བཞིན་གྱིས་ན་ཆུང་བྱིས་པའི་བློ་ཁ་བཀུག་ནས། ཁོ་ཚོའི་མཚར་སྣང་གི་བསམ་བློ་དང་འཚོལ་ཞིབ་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་པར་ཕན་པའོ། །

6-《那是怎么回事》 སྣང་ཚུལ་དེ་ནི་ཇི་ལྟར་བྱུང་།.jpg