དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ། ན་ཆུང་བྱིས་པ་དག་གིས་དཔེ་དེབ་འདི་ཉིད་ཀློག་འདོན་བྱས་ན་ནི། ཁོ་ཚོས་སའི་གོ་ལར་རྒྱུས་ལོན་བྱེད་པར་རོགས་རམ་བྱེད་ཐུབ། དེབ་འདིའི་ནང་དུ་གཙོ་བོ་སའི་གོ་ལ་ནི་ཅི་ཞིག་གིས་གྲུབ་པ་དང་། དེའི་དབྱིབས་ཅིའི་ཕྱིར་འཇོང་དབྱིབས་ཡིན་པ། རི་ཆུ་དང་། གྲོག་རོང་། བདེ་ཐང་སོགས་ཀྱི་བདག་ཉིད་ཅན་ཏེ་སྐམ་ས་དང་། རྒྱ་མཚོ། མཚེའུ། གཙང་བོ་སོགས་ཀྱིས་གྲུབ་པའི་ཆུའི་ཁམས་ངོ་སྤྲོད་བྱས་ཡོད་པར་མ་ཟད། དེ་མིན། སའི་གོ་ལའི་རླུང་ཁམས་ཆེན་མོའི་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་ཀྱི་འགྱུར་བ་དང་བསྟུན་ནས། ཆར་གློག་ཐོག་གསུམ་དང་ཁ་སེར་བུ་ཡུག་སོགས་གནམ་གཤིས་ཀྱི་འབྱུང་རྐྱེན་དང་། གནམ་གཤིས་སྔོན་བརྡའི་བརྟག་ཐབས་སོགས་ཞིབ་ཏུ་བརྗོད་ཡོད། མདོར་ན། དེབ་འདིར་ན་ཆུང་བྱིས་པའི་བློ་ཁ་དང་བསྟུན་ཞིང་། ཁ་གསལ་གོ་བདེའི་ལམ་ནས་རང་བྱུང་ཁམས་ཀྱི་སྣང་ཚུལ་དག་ལ་ཞིབ་འགྲེལ་བྱས་ཡོད་པར་མ་ཟད། པར་རིས་གསལ་བོ་ཡང་འབོར་ཆེན་བཀོད་ཡོད་པས་ན། ན་ཆུང་བྱིས་པ་ཚོས་སའི་གོ་ལ་དང་འབྲེལ་བའི་ཤེས་བྱར་རྒྱུས་ལོན་བྱེད་པར་རོགས་རམ་བྱ་ཐུབ་པ་ཡིན་ནོ། །
