甘肃民族出版社门户网站的标识(藏文)

ན་ཆུང་ཀློག་དེབ།
ཁྱད་མཚར་གྱི་དབྱིབས་དང་གྲངས་ཀ
དུས་ཚོད། 2025-08-12
བཀླགས་གྲངས། 25
ཐོ་བཤིགས།

དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ།  དེབ་འདིར་གཙོ་བོར་རང་ཅག་འཚོ་བའི་ཁྲོད་ཀྱི་རྣམ་པ་སྣ་ཚོགས་པའི་དབྱིབས་གཟུགས་དང་། དབྱིབས་གཟུགས་དེ་དག་གིས་ཅི་ཞིག་ལས་ཐུབ་པ།  མི་རྣམས་ཀྱིས་གྲངས་ཀ་ཇི་ལྟར་བརྩི་བ་དང་། ཐོག་དང་བོར་གྲངས་ཀ་སྤྱད་དེ་བརྩི་བའི་རྒྱུ་མཚན་གང་ཡིན་པ། ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་མི་ཚོའི་ཨང་ཀིའི་འབྲི་ཚུལ་དང་། བྱ་དངོས་ཀྱི་ཡང་ལྕི། མཐོ་དམའ། བར་ཐག་ཉེ་རིང་འཇལ་སྟངས་སོགས་ཇི་འདྲ་ཡིན་པ་སོགས་བརྗོད་ཡོད།  ན་ཆུང་བྱིས་པ་དག་གིས་དེབ་འདི་ཉིད་ཀློག་འདོན་བྱས་ན་ནི། འཚོ་བའི་ཁྲོད་ཀྱི་དབྱིབས་གཟུགས་དང་གྲངས་ཀའི་ནུས་པ་དང་ཆོས་ཉིད་སོགས་ཤེས་རྟོགས་བྱེད་ཐུབ་པར་མ་ཟད། གྲངས་རིག་པའི་སློབ་ཚན་ལ་སྤྲོ་བ་བསྐྱེད་པར་ཡང་ཕན། མདོར་ན། དེབ་འདི་ནི་ན་ཆུང་བྱིས་པའི་ཀློག་འདོན་གྱི་ཁྱད་གཤིས་དང་བསྟུན་ནས་རྩོམ་སྒྲིག་བྱས་ཤིང་། རི་མོ་དང་ཡི་གེ་ཤན་སྦྱར་གྱི་ལམ་ནས་མངོན་པས། ན་ཆུང་བྱིས་པ་དག་ནར་སོན་པའི་བརྒྱུད་རིམ་ཁྲོད་ཉེ་བར་མཁོ་བའི་སློབ་ཕྱིའི་དཔེ་དེབ་ལེགས་ཤོས་ཤིག་ཡིན་ནོ། །

7-《有趣的形状和数》 ཁྱད་མཚར་གྱི་དབྱིབས་དང་གྲངས་ཀ.jpg