甘肃民族出版社门户网站的标识(藏文)

དེབ་གསར་འོས་སྦྱོར།
རྒྱལ་ཁམས་འགྲིམ་པ།
དུས་ཚོད། 2025-08-12
བཀླགས་གྲངས། 38
ཐོ་བཤིགས།

དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ།  དེབ་འདིར་གཙོ་བོ་འཛམ་གླིང་གི་གླིང་དུམ་ཆེན་མོ་བདུན་སོ་སོ་ངོ་སྤྲོད་བྱས་པ་བརྒྱུད། མི་རྣམས་གནས་དེ་དག་ལ་ཇི་ལྟར་ཡུལ་བསྐོར་འགྲུལ་བཞུད་དུ་བསྐྱོད་དགོས་པ་གནད་དུ་བཟུང་ནས། འགྲུལ་བཞུད་ཀྱི་མགོ་མཇུག་བར་གསུམ་དུ་འགྲིམ་འགྲུལ་ཡོ་བྱད་ཅི་ཞིག་གདམ་དགོས་པ་དང་། འགྲུལ་བཞུད་ཁྲོད་ས་ཁྲ་ཇི་ལྟར་བེད་སྤྱོད་བྱ་དགོས་པ། འགྲུལ་བཞུད་ཀྱི་འཆར་གཞི་ཇི་ལྟར་འགོད་དགོས་པ་སོགས་ཞིབ་ཏུ་བཀོད་ཡོད་པར་མ་ཟད།  ཞོར་དུ་འཛམ་གླིང་དུ་སྐད་གྲགས་ཡོད་པའི་རང་བྱུང་མཛེས་ལྗོངས་དང་མིས་བཟོས་བཀོད་པ་རེ་འགའ་རགས་བསྡུས་ངང་ངོ་སྤྲོད་བྱས་ཡོད་དེ། དཔེར་ན། རང་རྒྱལ་གྱི་ལྕགས་རི་རིང་བོ་དང་ཨེ་ཅིབ་ཀྱི་གཏོར་གཟུགས་མཆོད་རྟེན་སོགས་ལྟ་བུའོ། །མདོར་ན། དེབ་འདི་ནི་ཤེས་བྱ་རང་བཞིན་དང་རྒྱུན་སྤྱོད་རང་བཞིན།  སྣང་བརྙན་རང་བཞིན། ཁྱད་མཚར་རང་བཞིན་ཕྱོགས་གཅིག་ཏུ་འདུས་པའི་ཀློག་དེབ་ཅིག་ཡིན་ཞིང་། གསོན་ཉམས་དོད་པའི་ངང་ནས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་སོ་སོའི་མི་ཆོས་དང་ས་ཁམས་གནས་ཚུལ་ངོ་སྤྲོད་བྱས་ཡོད་པས། ན་ཆུང་བྱིས་པ་ཚོར་མཚོན་ན་ཡུལ་སྐོར་འགྲུལ་བཞུད་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པའི་ཉེར་མཁོའི་ལག་དེབ་ཅིག་ཡིན་ནོ། ། 

13-《周游世界》རྒྱལ་ཁམས་འགྲིམ་པ། - 副本.jpg