甘肃民族出版社门户网站的标识(藏文)

དེབ་གསར་འོས་སྦྱོར།
འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དུས་ཆེན།
དུས་ཚོད། 2025-08-12
བཀླགས་གྲངས། 30
ཐོ་བཤིགས།

དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ། དེབ་འདིར་གཙོ་བོ་འཛམ་གླིང་གི་ས་ཁུལ་སོ་སོར་རྒྱུན་མཐོང་གི་དུས་ཆེན་གང་དང་གང་ཡོད་པ་དང་། མི་རྣམས་ཀྱིས་དུས་ཆེན་དེ་དག་ཇི་ལྟར་རོལ་བ་ངོ་སྤྲོད་བྱས་ཡོད་པར་མ་ཟད། མི་རྣམས་ཀྱིས་ཟླ་བ་སོ་སོར་དུས་ཆེན་གཙོ་བོ་གང་དག་རོལ་བཞིན་ཡོད་པ་དང་དུས་ཆེན་གྱི་མཛད་སྒོ་དེ་ལྟ་བུ་ཞིག་སྤེལ་དོན་གང་ཡིན་པ། དེ་བཞིན་དུས་ཆེན་དེ་དང་འབྲེལ་བའི་སྔོན་བྱུང་གི་གཏམ་རྒྱུད་དང་མི་སྣ་གང་དང་གང་ཡོད་པ་སོགས་བརྗོད་ཡོད། མདོར་ན། དེབ་འདི་ནི་གཙོ་བོ་ན་ཆུང་བྱིས་པའི་ཀློག་འདོན་གྱི་ཁྱད་གཤིས་སམ་བློ་ཁ་དང་བསྟུན་ནས་སྒྱུར་སྒྲིག་བྱས་པ་ཞིག་ཡིན་པས། ན་ཆུང་བྱིས་པ་དག་གིས་ཀློག་འདོན་བྱས་ན་ནི། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲོལ་རྒྱུན་དུས་ཆེན་དང་རིག་གནས་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པ་དང་རང་རྒྱུད་ཀྱི་རིག་སྟོབས་འཕེལ་བར་ཕན་པའོ། །

12-《世界各国的节日》འཛམ་གླིང་གི་རྒྱལ་ཁབ་སོ་སོའི་དུས་ཆེན།.jpg