甘肃民族出版社门户网站的标识(藏文)

དེབ་གསར་འོས་སྦྱོར།
ང་ཚོ་ཡང་སྙིང་སུ་ཞིག་ཡིན།
དུས་ཚོད། 2025-08-12
བཀླགས་གྲངས། 30
ཐོ་བཤིགས།

དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ། དེབ་འདི་ནི་གཙོ་བོ་མི་སྒེར་རམ་མི་སྒེར་གྱི་ཉེ་འཁོར་གྱི་འཇིག་རྟེན་དང་འཚོ་བ་བརྗོད་གཞིར་བྱས་པའི་སྤྱི་ཚོགས་འཚོ་བའི་ཤེས་བྱ་ཕྱོགས་བསྒྲིགས་ཀྱི་ལག་དེབ་ཅིག་ཡིན། ན་ཆུང་བྱིས་པ་དག་གིས་དཔེ་དེབ་འདི་ཉིད་ཀློག་འདོན་བྱས་ན་ནི། མིའི་རིགས་ཀྱི་རུས་དང་མིང་གི་བྱུང་བ་དང་། མི་རེ་རེར་མིང་རེ་འདོགས་པའི་དགོས་པ། མིང་ཇི་ལྟར་བཏགས་པ། དེ་བཞིན་ཆུང་ས་ནས་ཁྱིམ་ཚང་དང་ཆེ་ས་ནས་སྤྱི་ཚོགས་འཚོ་བ་དང་འབྲེལ་བའི་ཤེས་བྱ་མང་བོ་ཤེས་ཐུབ་པར་མ་ཟད། འཛམ་གླིང་གི་ས་ཁུལ་སོ་སོའི་མི་རྣམས་ཀྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་གང་དག་སྤྱོད་ཀྱིན་ཡོད་པ་དང་། རོལ་རྩེད་གང་དག་ལ་རོལ་བཞིན་ཡོད་པ། མི་རྣམས་ཕན་ཚུན་བར་དུ་ཇི་ལྟར་འབྲེལ་བ་བྱེད་བཞིན་ཡོད་པ་སོགས་ཚོར་ཐུབ། མདོར་ན། དེབ་འདི་ནི་ན་ཆུང་བྱིས་པ་དག་ནར་སོན་པའི་བརྒྱུད་རིམ་ཁྲོད། སྤྱི་ཚོགས་འཚོ་བར་ཤེས་རྟོགས་བྱེད་པར་ཉེ་བར་མཁོ་བའི་སློབ་ཕྱིའི་དཔེ་དེབ་ལེགས་ཤོས་ཤིག་ཡིན་ནོ། །

9-《我们是谁》ང་ཚོ་ཡང་སྙིང་སུ་ཞིག་ཡིན།.jpg