甘肃民族出版社门户网站的标识(藏文)

དེབ་གསར་འོས་སྦྱོར།
ངོ་མཚར་ཆེ་བའི་རྩི་ཤིང་གི་འཇིག་རྟེན།
དུས་ཚོད། 2025-08-12
བཀླགས་གྲངས། 27
ཐོ་བཤིགས།

དཔེ་ཆ་འདི་ནི་དབྱིན་ཡིག་ནས་བོད་ཡིག་ཏུ་སྒྱུར་སྒྲིག་བྱས་པའི་ན་ཆུང་བྱིས་པའི་རིག་གནས་ཀུན་འདུས་ཀྱི་ཀློག་དེབ་ཅིག་ཡིན་ལ། གཙོ་བོར་འཛམ་གླིང་གི་ས་གནས་ཁག་ཏུ་རྒྱུན་པར་མཐོང་བའི་རྩི་ཤིང་གི་རིགས་མང་བོ་ཞིག་ངོ་སྤྲོད་བྱས་ཡོད། ཀློག་པ་པོ་ཆུང་ཆུང་ཚོས་དཔེ་དེབ་འདི་ཉིད་ཀློག་འདོན་བྱས་ན་ནི། རང་བྱུང་ཁམས་ཀྱི་རྩི་ཤིང་ཇི་ལྟར་འཚོ་སྐྱེས་བྱེད་པ་དང་། ས་གནས་གང་དག་ཏུ་རྩི་ཤིང་གི་རིགས་དེ་དག་རྙེད་ཐུབ་པ་བཅས་ལ་རྒྱུས་ལོན་བྱ་ཐུབ་པར་མ་ཟད། རྩི་ཤིང་དང་མིའི་རིགས་བར་གྱི་འབྲེལ་བ་སྟེ། རྩི་ཤིང་གིས་མིའི་རིགས་ལ་ཕན་པའི་བྱ་བ་གང་དང་གང་བསྒྲུབས་པ་དང་། མིའི་རིགས་ཀྱིས་རྩི་ཤིང་ལ་ཕན་པའི་བྱ་བ་གང་དང་གང་བསྒྲུབས་པ་སོགས་ཀྱང་ཤེས་ཐུབ། དེབ་འདིའི་རྗོད་བྱེད་ཀྱི་ཚིག་ཁ་གསལ་ཞིང་གོ་བདེ་བར་མ་ཟད། བར་བཅུག་གི་རི་མོ་ཡང་འཁྲུག་ཆ་དོད་ཅིང་མཛེས་ཉམས་ལྡན། མདོར་ན། ན་ཆུང་བྱིས་པ་དག་གིས་སློབ་ཕྱིའི་དཔེ་དེབ་འདི་ཉིད་ཀློག་འདོན་བྱས་ཚེ། ཤེས་འདོད་ཀྱི་བློ་ཁ་སྐོང་བ་དང་མཐོང་རྒྱ་བསྐྱེད་རྒྱུར་ཕན་པར་མ་ཟད། བྱིས་པ་ཆུང་ཆུང་ཚོས་མཛེས་ཤིང་སྡུག་པའི་རྩི་ཤིང་གི་འཇིག་རྟེན་ལ་ངོས་འཛིན་དང་སློབ་སྦྱོང་བྱས་ནས། རང་བྱུང་ཁམས་ཆེན་མོར་གཅེས་སྤྲས་བྱེད་པའི་འདུ་ཤེས་བསྐྱེད་པར་ཡང་ཕན་པའོ། །

2-《奇妙的植物世界》ངོ་མཚར་ཆེ་བའི་རྩི་ཤིང་གི་འཇིག་རྟེན།.jpg